sdsafsa
རྫོངཁ།
English


བློ་གཏད་བཀོད་ཚོགས།
བློ་གཏད་བཀོད་ཚོགས་ནང་ གཤམ་གསལ་ཚུ་ཚུདཔ་ཨིན།
   1༽ སྐྱབས་རྗེ་སྒང་སྟེང་སྤྲུལ་སྐུ་རིན་པོ་ཆེ། གཙོ་འཛིན།
   2༽ སློབ་དཔོན་འབྲུག་སྒྲ་རྒྱ་མཚོ། གཙོ་འཛིན་འོག་མ།
   3༽ དྲག་ཤོས་ཤེས་རབ་བསྟན་འཛིན། ཡོངས་ཁྱབ་དྲུང་ཆེན་དང་ འཐུས་མི་དྲུང་ཆེན་མཉམ་འབྲེལ།
   4༽ མཁན་པོ་སེང་གེ། བཤད་གྲྭའི་སྐུ་ཚབ།
   5༽ མཁན་སྤྲུལ་པདྨ་རྡོ་རྗེ། བཤད་གྲྭའི་སྐུ་ཚབ།
   6༽ ཨོ་རྒྱན་དབང་འདུས། སྒྲུབ་སྡེའམ་སྒོམ་སྡེའི་སྐུ་ཚབ།
   7༽ ཨ་ཎི་ཀུན་ལེགས་དབང་མོ། ཨ་ནེམོ་སྐུ་ཚབ།
   8༽ ཨ་ཎི་འཕྲིན་ལས་ཆོས་སྒྲོན། ཨ་ནེམོ་སྐུ་ཚབ།
   9༽ རིག་འཛིན་དབང་གྲགས། མ་དངུལ་འཚོལ་སྒྲུབ་ཚོགས་ཆུང་གི་ཁྲི་འཛིན།
   10༽ ཨམ་ཕུབ་བཟངམོ། བློ་གཏད་བཀོད་ཚོགས་ལུ་བློ་གྲོས་ཕུལ་མི།
   11༽ ཨ་ཎི་བསོད་ནམས་ལྷ་མོ། དངུལ་ལས་འགོ་དཔོན།

བློ་གཏད་བཀོད་ཚོགས་ཀྱི་འཐུས་མི་བསྐོ་བཞག་དང་གནས་ཡུན།
ཀ༽ བཀོད་ཚོགས་ཀྱི་འཐུས་མི་ཚུ་ འཐུས་མིའི་གྲས་ལས་ གདམ་ངོ་བཏོན་ཏེ་ ཡོངས་ཁྱབ་ཞལ་འཛོམས་ནང་ཚོགས་བཞུགས་འཐུས་མི་ཚུ་གིས་ རྒྱན་བཙུགས་ཐོག་ལས་ ཕྱེད་མང་གི་གྲོས་ཆོད་ཐོག་ལུ་ བསྐོ་བཞག་གནང་དགོ།
ཁ༽ བསྐོ་བཞག་གྲུབ་པའི་འཐུས་མི་ཚུ་གི་ གནས་ཡུན་དེ་ ལོ་ངོ་ལྔ་ཨིན་རུང་ ལོག་སྟེ་གདམ་ངོ་བཏོན་ཏེ་ གདམ་འཐུ་གྲུབ་ཐོག་ལས་ ཡང་བསྐྱར་བསྐོ་བཞག་འབད་ཆོག།
ག༽ བློ་གཏད་བཀོད་ཚོགས་ཀྱི་ འཐུས་མི་ཅིག་གིས་ གཙོ་འཛིན་ལུ་ དགོངས་ཞུའི་ཡི་གུ་ཕུལ་ཏེ་ ཤུལ་མའི་ཡོངས་ཁྱབ་ཞལ་འཛོམས་ནང་ལས་ གནང་བ་གྲུབ་ཐོག་ དགོངས་ཞུ་འབད་ཆོག།

བློ་གཏད་བཀོད་ཚོགས་ཀྱི་དབང་ཚད་དང་འགན་ཁུར།
བཀོད་ཚོགས་འདི་ལུ་ གཞི་ཚོགས་འདིའི་ སྤྱིར་བཏང་སྲིད་བྱུས་དང་ ལས་རིམ་ ལས་སྣ་ཚུ་ གསར་བརྩམ་དང་ བསྟར་སྤྱོད་འབད་ནི་ལུ་ ལྟ་རྟོག་འབད་ནིའི་དབང་ཚད་དང་ འགན་ཁུར་ཡོད།
 
ང་བཅས་ལུ་རྒྱབ་སྐྱོར།